འགྲུལ་འཕྲིན་ལམ་ལུགས་བརྒྱུད་དེ་ ཁྱོད་རའི་དམིགས་གཏད་ཅན་གྱི་མི་སྡེ་དང་གཅིག་ཁར་ མཐུན་ལམ་འདི་ ཧེང་སྐལ་རང་ སྒྲིང་སྒྲིང་བཟོ་ཚུགས་པའི་ ཐབས་ཤེས་ཚུ།

འགྲུལ་འཕྲིན་བཟོ་བཀོད།
འགྲུལ་འཕྲིན་གྱི་གྱངས་ཁ་ཡར་སེང་འགྱོ་བའི་བསྒང་ལས་ ས་ཁོངས་ཚུ་ འགྲུལ་འཕྲིན་ཐོག་ལས་ བསྒྱུར་བཅོས་འབད་ནི་འདི་ ཁག་ཆེ་ཤོས་ཅིག་ལུ་འགྱུར་ཡོདཔ་ཨིན། ད་རུང་ ཚོང་འབྲེལ་ཚུ་གིས་ ཁོང་རའི་ཚོང་རྟགས་གནས་གོང་འདི་ སྒྲིང་སྒྲིང་བཟོ་དགོ་མནོ་མི་ Android དང་ iOS དེ་ལས་ Windows འགྲུལ་འཕྲིན་གྱི་ ལག་ལེན་ཚུ་ བཟོ་དགོཔ་ཐོན་ནུག།
ང་བཅས་ཀྱིས་ ང་བཅས་ཀྱི་འགྲུལ་འཕྲིན་བཟོ་བཀོད་ཞབས་ཏོག་ཐུམ་སྒྲིལ་ནང་ ཐབས་ཤེས་སོ་སོ་གཉིས་ ཁྱོད་ལུ་བྱིནམ་ཨིན།
ང་བཅས་ཀྱིས་ཁྱོད་ཀྱི་ཡོངས་འབྲེལ་འཆར་སྒོ་འདི་ འགྲུལ་འཕྲིན་དང་མཐུན་སྒྲིག་བཟོཝ་ཨིན།
ང་བཅས་ཀྱིས་ ཁྱོད་རའི་ཚོང་འབྲེལ་གྱི་དོན་ལུ་ དམིགས་བསལ་གྱིས་ འགྲུལ་འཕྲིན་གྱི་ ལག་ལེན་ཅིག་ བཟོཝ་ཨིན།
